ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུཌ་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་ལག་གདང་དམ་པོར་སྦྲེལ་བ་དང་། མི་རིཌ་དར་རྒྱས་ཀྱི་སེམས་མཐུན་སྒོར་གཞས་ཡག་པོ་འཁྲབ་པ། མི་རིགས་བསྐྱར་དར་གྱི་སེམས་མཐུན་ལམ་བུར་མཉམ་དུ་སྐྱོད་པ་བཅས་བྱས་ནས་ཀོང་པོའི་ས་གཞི་ཆེ་མོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གི་འདབ་བརྒྱ་ལྷུག་པར་གྲོལ།
མཐུན་སྒྲིལ་ཞི་མཐུན་གྱི་རོལ་དབྱངས་དཀྲོལ་བ།
“མི་རིགས་མང་པོ་མཉམ་དུ་འདུས་སྡོད་ཀྱི་ཉིང་ཁྲིའི་མཐའ་མཚམས་ས་ཁུལ་དུ་མི་རིགས་མཐུན་སྒྲིལ་ལས་དོན་་ཡག་པོ་སྤེལ་བར་ནུས་པ་གལ་ཆེན་ལྡན་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་མཛའ་བརྩེ་དང་ཕན་ཚུན་རོགས་རམ་བྱས་ཚེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་ཐུབ”ཅེས་པ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་རེད།
རྫ་ཡུལ་རྫོང་ཚ་བ་རོང་ཤང་སྲང་ཐ་གྲོང་ཚོ་ནི་ལི་སུའུ་རིགས་དང་། ནུའུ་རིགས། ཏུའུ་ལུང་རིགས། པའེ་རིགས། བོད་རིགས་བཅས་འདུས་སྡོད་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་རེད། ཁོང་ཚོས་ཏང་གི་དར་ཆའི་འོག་གོང་བུ་གཅིག་ཏུ་འགྲིལ་བ་དང་། དཀའ་སྤྱད་མཉམ་རོགས། སྐྱིད་སྡུག་མཉམ་མྱོང་། བློ་གཅིག་སེམས་གཅིག་བཅས་བྱས་པས་མི་རིགས་ཁག་དབར་བརྩེ་དུང་ཟབ་མོ་ཆགས་ཡོད། ཁོང་ཚོས་མཐུན་སྒྲིལ་བྱས་ན་སྟོབས་ཤུགས་ལྡན་པ་དང་ཁྱིམ་ཚང་མཐུན་ན་བྱ་བ་ཐམས་ཅད་དར་ཞིང་རྒྱས་པ་དང་། མི་རིགས་གང་ཞིག་ཡིན་རུང་ཚང་མ་ཕུ་ནུ་མིང་སྲིང་དང་ཁྱིམ་ཚང་གཅིག་ལྟར་ཡིན་པས་ཕན་ཚུན་འབྲལ་ཐབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།
ལོ་ལྟར་ལི་སུའུ་རིགས་ཀྱི་མང་ཚོགས་ཀྱི“ཁོ་ཧྲེ་དུས་ཆེན”ཡིན་ནའང་འདྲ། ཡང་ན་པའེ་རིགས་མང་ཚོགས་ཀྱི“ལོ་གསར” ཏུའུ་ལུང་རིགས་ཀྱི་མང་ཚོགས་ཀྱི་སྲོལ་རྒྱུན་དུས་ཆེན“རྡི་ལི་བ”ཡིན་ནའང་འདྲ། ཡང་ན་བོད་རིགས་མང་ཚོགས་ཀྱི“བོད་ཀྱི་ལོ་གསར”གང་ཞིག་ཡིན་རུང་ཚང་མས་ཕན་ཚུན་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རེས་བྱེད་ཀྱི་ཡོད།
མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་བྱེད་སྐབས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་འགྲོ་འོང་དང་ཕན་ཚུན་རོགས་རམ་གྱིས་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་ཟབ་པ་དང་། ཞིང་ལས་ཐོན་སྐྱེད་ཁྲོད་འདེབས་འཛུགས་གསོ་ཚགས་སམ་ཡང་ན་ལམ་བཟོ་ཟམ་སྐྲུན་གང་ཡིན་རུང་གྲོང་ཚོའི་ནང་མི་རིགས་ཁག་གི་མང་ཚོགས་ཚོས་ཕན་ཚུན་རོགས་རམ་བྱེད་པའི་མི་སེམས་འགུལ་བའི་རྣམ་པ་གང་སར་མཐོང་རྒྱུ་ཡོད།
མི་རིགས་མཐུན་སྒྲིལ་གྱི་རུ་སྣེ་ཁྲིད་མཁན་ཧུར་ཐག་བྱས་པ།
སྤོ་བོ་རྫོང་ཡིད་འོང་ཤང་གི་ཀྲོའུ་ཅིན་མིང་དང་ཉི་མ་ལྷ་མོ་ནི་ན་གཞོན་བཟའ་ཚོ་ཞིག་རེད།
“ང་རང་ཆུང་དུས་ནས་བོད་ལ་དམིགས་བསལ་གྱི་བག་ཆགས་ཤིག་ཡོད། ཆེན་པོ་ཆགས་རྗེས་ངེས་པར་དུ་འདིར་ཐེངས་གཅིག་ཡོང་དགོས་བསམ་བྱུང”ཀྲོའུ་ཅིན་མིང་ནི་སི་ཁྲོན་ལེ་ཧྲན་ནས་ཡིན་ཞིང་། ཆུང་དུས་ནས་བོད་ལ་དམིཌ་བསལ་གྱི་བརྩེ་དུང་ཡོད། 2004ལོར་ཁོ་པ་ལྷ་སར་མ་བྱན་བྱེད་སྐབས་བོད་ནས་རང་ཉིད་ཀྱི་མི་ཚེ་སྐྱེལ་རོགས་ཤིག་རག་ཡོང་སྙམ་པ་བསམ་པའི་ཡུལ་ལ་ཡང་འཁོར་མ་མྱོང་།
2008ལོར། ཀྲོའུ་ཅིན་མིང་ལས་ཀས་རྐྱེན་པས་ཡིད་འོང་དུ་སླེབས། ཀྲོའུ་ཅིན་མིང་གིས་རྟག་ཏུ་ཉི་མ་ལྷ་མོའི་ཚོང་ཁང་ནས་ཅ་ལག་ཉོ་གི་ཡོད། དེ་ལྟར་དུས་ཚོད་རིང་པོ་སོང་རྗེས་ཁོ་གཉིས་དབར་བརྩེ་དུང་གི་མདུད་པ་ཐེབས།
ཁོང་གཉིས་2012ལོར་གཉེན་སྒྲིག་བྱས། 2017ལོར་ཁོ་གཉིས་པོས་ཞིང་དུད་སྤྲོ་སྐྱིད་ཁང་བཙུགས་ཤིང་། ཚལ་བསྙལ་མ་སོཌ་འཚོང་བ་ཕུད། ད་དུང་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད། མིག་སྔར། མགྲོན་ཁང་དུ་ཁང་མིག་བཅུ་ལྷག་ཡོད་པ་དང་ཡུལ་སྐོར་བ་མང་བའི་དུས་ཁང་པ་འདང་གི་མེད།
ལག་གདང་སྦྲེལ་ནས་ཀོང་ཏུང་དང་བོད་ལྗོངས་དབར་བརྩེ་སེམས་ཟབ་མོ་བཙུགས་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་གྱི“གཅིག་གཏད་གཅིག”གི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། “སྤྲིན་ཚོམ”སྦྲེལ་མཐུད་བརྒྱུད་ཀོང་ཏུང་ཏུང་ཀོན་གྲོང་ཁྱེར་ཐང་ཞ་སློབ་འབྲིང་དང་ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་ལོ་རིམ་དང་པོའི་འཛིན་གྲྭ(2)པས“ཕ་ཡུལ་ལ་དགའ་ཞེན་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བའི”བརྗོད་དོན་གཙོ་བོའི་འཛིན་ཚོགས་ཀྱི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་ཚང་མས་ཀོང་ཏུང་དང་ཉིང་ཁྲི་ས་ཁུལ་གཉིས་ཀྱི་གཞོན་ནུ་ལོ་ཆུང་བྱིས་པས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ཡོད་པ་རེད།
ཉིང་ཁྲི་གྲོང་ཁུལ་ནས་ཤར་ཕྱོགས་སུ་སྤྱི་ལེ་12བསྐྱོད་ཚེ་བོད་ཀྱི“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོ”ཞེས་བརྗོད་པའི་ཀ་ལ་གྲོང་ཚོ་རེད།
ཀ་ལ་གྲོང་ཚོ་ནི་ཀོང་ཏུང་གི་བོད་སྐྱོར་གྱིས་བསྐྲུན་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད། ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པ་ཁག་གིས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཁམ་བུའི་མེ་ཏོག་རིམ་སྤོར་སྒྱུར་བཀོད་ཇུས་གཞི་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་། སྐྱེད་ཚལ་ཁེ་ལས་ཀྱིས་གྲོང་ཚོའི་མཛེས་ལྗོངས་འཆར་འགོད་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་ཁག་ནས་མ་དངུལ་གྲབས་གསོག་བྱེད་པ་བཅས་ཀྱི་ཐོག་ནས་ཞིབ་ཕྲའི་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྤྱད་དེ། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་གྲོང་ཚོ་འཛུགས་སྐྲུན་ནང་ཞུགས་པ་རེད། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“ཀ་ལ་གྲོང་ཚོའི་འགྱུར་ལྡོག་དེ་ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་དང་ཁ་འབྲལ་ཐབས་མེད། ཀོང་ཏུང་དང་བོད་ཀྱི་མཛའ་གྲོགས་དེ‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི’ཞིབ་ཕྲའི་མཚོན་ཚུལ་ཞིག་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།