西藏青年报藏文版གལ་ཆེའི་གསར་འགྱུར། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་ཤིང་འཇོན་ཐང་ཆེ་རུ་གཏོང་བ་དང་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

放大 缩小 默认

རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ།

སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་ཤིང་འཇོན་ཐང་ཆེ་རུ་གཏོང་བ་དང་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། ཟབ་སྦྱོང་མཐིལ་རྟོགས་དང་དངོས་སྒྲུབ་དོན་འཁྱོལ་གྱི་སྙིང་སྟོབས་ལ་བརྟེན་ནས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་བ་དང་དམིགས་ཚད་ལས་འགན་ལ་དམིགས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་ནུས་ལྡན་སྤེལ་བར་སྐུལ་འདེད་བཏང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུར་ནན་བཤད་བྱས་དོན། སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་མུ་མཐུད་ཤུགས་སྣོན་དང་། དམིགས་ཚད་ལས་འགན་ལ་གནད་འཁེལ་དམིགས་པ། ཕྱོགས་6གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད། གཙོ་གནད་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བསྟར་བ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་དང་རང་འགན་ཐེག་པ་ཁུར་ལེན་གྱི་སྙིང་སྟོབས་ལ་བརྟེན་པ་དང་། ཏང་དང་མི་དམངས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་བའི་གྲུབ་འབྲས་གསར་པར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།

ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོའི་ལེགས་ཆ་འདོན་སྤེལ་བྱས་ནས་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་བ་རེད། ལྗོངས་སྲིད་གྲོས་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཨུ་ཡོན་ཁག་གཅིག་གིས་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ལ་དམིགས་ཏེ་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བ་དང་། ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱེད་པ། ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི་ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”ཤར་གཏོང་སོགས་ཀྱི་གནད་དོན་སྐོར་ལ་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ཀྲུང་ཤིང་ཚོང་དོན་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་ཚོགས་པ་སོགས་སྡེ་ཚན་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་དང་སྤེལ་རེས་བྱས་ཏེ་མཐའ་མཚམས་ཚོང་དོན་ཟོག་འགྲེམས་འཕེལ་རྒྱས་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་བར་བསམ་འཆར་དང་གྲོས་འགོ་བཏོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྤྱི་ཚོགས་ཁྲིམས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ལས་དོན་མི་སྣ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དང་། གྲོ་མོ་རྫོང་། པ་སྣམ་རྫོང་སོགས་སུ་བསྐྱོད་དེ“གྲོས་མོལ་དམངས་གཙོའི་ལེགས་ཆ་འདོན་སྤེལ་གྱིས་གྲོང་ཁྱེར་དང་གྲོང་གསེབ(སྡེ་ཁུལ)ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱེད་པའི”ཆེད་དོན་བརྟག་ཞིབ་བྱས་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་། “གཅིག་གཏད་གཅིག”གི་གླེང་མོལ། དུད་ཚང་དུ་འཚམས་འདྲིར་བསྐྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ(སྡེ་ཁུལ)ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་ཀའི་ད་ལྟའི་གནས་བབ་དང་། ལས་ཀའི་ཉམས་མྱོང་། དེ་བཞིན་ལྷག་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་བྱས་ནས་ཆེད་དོན་གྲོས་མོལ་ཚོགས་འདུ་ཡག་པོ་འཚོགས་པར་རྨང་གཞི་བཏིང་ཡོད།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། འོས་སྐུལ་འོས་དཔོད་ཀྱི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ནུས་པ་ཆེ་རུ་བཏང་སྟེ་རིམ་པ་བཞིན་ནང་བཤུག་འགན་གཙང་དང་ཁྲིམས་འགལ་གྱི་ཆ་བགོས་འགན་གཙང་སོགས་ཀྱི་བྱེད་སྤྱོད་ལས་བྱུང་བའི་ཡིག་སྐུར་ངོ་བཅར་གྱི་གནད་དོན་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། ཡིག་སྐུར་ངོ་བཅར་ལས་དོན་དེ“གཞན་སྐུལ་གྱིས་ཁ་གཏད་གཅོག་པ”ནས“རང་འགུལ་ངང་སེལ་བའི”བར་འགྱུར་བར་སྐུལ་འདེད་གཏོང་དགོས། རང་ལྗོངས་ཀྱི་གཞུང་ལམ་སྲོལ་ཡིག་དང་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག་ཞིབ་འཇུག་དང་འཐུས་སྒོ་ཚང་དུ་བཏང་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་གཞི་རྩའི་བྱ་ཐབས་ལ་བརྩི་བ་དང་། གཙོ་གནད་ལྟ་འདོམས་ཁ་གསབ་ལ་བརྩི་བ། ཡིད་རྟོན་ལྟ་འདོམས་རྨང་གཞིར་བྱེད་པ། གྲངས་གཞིའི་ལྟ་འདོམས་ཁྱད་ཆོས་སུ་བྱེད་པ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲོམ་རའི་ལྟ་འདོམས་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་འཛུགས་དགོས། “མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིབ་ཕྲའི་ལས་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ལས་དོན་ཁྲོད་དོན་འཁྱོལ་བྱས་ཏེ་དངོས་སྒྲུབ་དང་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམིགས་ཡུལ་དོན་གཉེར་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་ཟླ་བ་དངོས་གྲུབ་ཀྱིས་བརྗོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明