西藏青年报藏文版གལ་ཆེའི་གསར་འགྱུར། ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ནན་བཤད་གནང་དོན། བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་ཏང་གཤིས་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་དག་ཏུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བ།

放大 缩小 默认

མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བ།

ཉེ་དུས། བོད་ལྗོངས་ལྷོ་བྲག་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་བ་གཙོ་རྐང་དུ་བྱེད་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རིག་གནས་དང་། ཞིབ་དཔྱོད། སྨན་བཅོས་སོགས་འཐབ་ཕྱོགས་ཀྱི་བུད་མེད་ལས་བྱེད་པ་གཞི་རིམ་དུ་མངགས་ནས“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས”པའི་དང་བླངས་ཞབས་འདེགས་བྱེད་སྒོ་སྤེལ་བ་བརྒྱུད། ཏང་གི་དམངས་ཕན་སྲིད་ཇུས་དང་། བཅའ་ཁྲིམས་ཤེས་བྱ། འཕྲོད་སྦྱོར་ཤེས་བྱ། དམངས་ཕན་དངོས་རྫས་སོགས་མང་ཚོགས་ལ་བསྐྱལ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་བྱས་པ་རེད། འདི་ནི་རྫོང་དེའི་ལས་བྱེད་པས་མང་ཚོགས་ལ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བའི་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明