1985ལོ།(2)
★ ཟླ་5ཚེས་23ནས་ཟླ་6ཚེས་6ཉིན་བར། ཀྲུང་དབྱང་དམག་ཨུད་ཀྱིས་རྒྱ་ཆེའི་ཚོགས་འདུ་འཚོགས་པ་དང་། ཏེང་ཞའོ་ཕིང་གིས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་དུས་བབ་ཀྱི་བརྡར་ཤ་གསར་པ་དང་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འགྱུར་ལྡོག་གལ་ཆེན་གཉིས་བཏོན་གནང་བ་དང་འབྲེལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མི་གྲངས་ཁྲི་100ཉུང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་འདུའི་ཐོག་དམག་དཔུང་འཛུགས་སྐྱོང་གི་མཛུབ་ཁྲིད་བསམ་བློའི་ཐད་འཐབ་ཇུས་རང་བཞིན་གྱི་འགྱུར་ལྡོག་གཏོང་རྒྱུའི་ཐབས་ཇུས་གལ་ཆེན་བཏོན་པ་རེད།
★ ཟླ་5ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གིས《སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བྱས་པ་རེད།
★ ཟླ་5པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཚན་རིག་ལག་རྩལ་ལ་བརྟེན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི“མེ་སྟག་འཆར་གཞི”ལག་ལེན་བསྟར་རྒྱུར་ཆོག་མཆན་སྤྲད་པ་རེད།
★ ཟླ་6ཚེས་9ནས་15ཉིན་བར། རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག《སྤྱི་དམངས་ཡོངས་ལ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་གཞི་རྩའི་ཐོག་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལོ་ལྔའི་འཆར་འགོད》ལ་གྲོས་འཆམ་བྱུང་བ་རེད། 2021ལོར་ལོ་ལྔའི་བཅའ་ཁྲིམས་ཁྱབ་གདལ་གྱི་འཆར་འགོད་ཁྱོན་ཁག་བརྒྱད་ལག་བསྟར་བྱས་པ་རེད།
★ ཟླ་9ཚེས་18ནས་23ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་མི་ལེགས་སྒྲིག་བྱས་པ་རེད།
★ ཟླ་9ཚེས་24ཉིན། ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཁོངས་མི་ལེགས་སྒྲིག་བྱས་ནས་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་ཁོངས་མི་རྙིང་ཚབ་གསར་མཐུད་སྔར་ལས་ལྷག་པ་བྱས་པ་རེད།