西藏青年报གལ་ཆེའི་གསར་འགྱུར། ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་གྲོལ་བ།

放大 缩小 默认

ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

—— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ།

1953ལོ།

★ ཟླ་3ཚེས་1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ཡོངས་བསྒྲགས་ལག་བསྟར་བྱས་པ་དང་། ཟླ་4ཚེས་3ཉིན། སྲིད་དོན་སྤྱི་ཁྱབ་ཁང་གིས《འདེམས་བསྐོའི་གྲ་སྒྲིག་བྱེད་ཆེད་རྒྱལ་ཡོངས་ཀྱི་མི་འབོར་བརྟག་དཔྱད་ཐོ་འགོད་བྱེད་པའི་མཛུབ་སྟོན》བཀྲམ་པ།

★ ཟླ་5ཚེས་15ཉིན། ཀྲུང་སུའུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱ་རྒྱུའི་སྐོར་གྱི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་མནའ་འབྲེལ་སྲིད་གཞུང་གི་གྲོས་ཆོད》ལ་མིང་རྟགས་བཀོད་པ།

★ ཟླ་6ཚེས་15ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བེད་སྤྱོད་དང་། ཚོད་འཛིན། སྒྱུར་བཀོད་བཅས་ཀྱི་མཛད་ཕྱོགས་གཏན་འབེབས་བྱས་པ།

★ ཟླ་10ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གིས《འབྲུ་རིགས་འཆར་གཞི་ལྟར་ཉོ་སྒྲུབ་དང་འཆར་གཞི་ལྟར་མཁོ་སྤྲོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》བཏོན་པ།

★ ཟླ་11ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གིས《ལས་བྱེད་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བྱས་ཤིང་། ལོ་དེར་རང་རྒྱལ་གྱིས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་དང་པོའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་དང་། 2021ལོའི་ཟླ་6པར་སླེབས་སྐབས། ཁྱོན་བསྡོམས་ལོ་ལྔ་ཚན་གྱི་འཆར་གཞི་དང་འཆར་འགོད་ཁག་བཅུ་བཞི་བཟོས་ནས་ལག་བསྟར་བྱས་པ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明