西藏青年报གལ་ཆེའི་གསར་འགྱུར། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།  མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ཏང་གཤིས་བརྟན་དུ་གཏོང་བ། པར་རིས་གསར་འགྱུར་ ཆུ་ཤུར་རྫོང་གི་རྩལ་ནུས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་ཐའེ་ཀྲོའུ་རུ་བཙུགས་པ།

放大 缩小 默认

ཆུ་ཤུར་རྫོང་གི་རྩལ་ནུས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་ཐའེ་ཀྲོའུ་རུ་བཙུགས་པ།

གསོ་སྦྱོང་རྟེན་གཞི་དེས་སྲིད་ཇུས་ཀྱི་ལེགས་ཆར་བརྟེན་ནས་གནས་གཏན་འཁེལ་གྱིས་འཛིན་གྲྭ་གཉེར་བ་དང་། ལས་གནས་ཀྱི་རྩལ་ནུས་གསོ་སྦྱོང་དང་དུས་ཐུང་གསོ་སྦྱོང་། རྒྱུན་མཐུད་སློབ་གསོ་སོགས་ཀྱི་རྣམ་པ་སྤྲུད་པ་བརྒྱུད་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་དང་ཁེ་ལས་ཀྱི་ལས་བཟོ་དང་གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ནས་རིགས་ཁག་གི་མི་སྣའི་རྩལ་ནུས་བྱང་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཆུ་ཤུར་འཕེལ་རྒྱས་ཚེད་རྩལ་ནུས་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་དམངས་སྲིད་གཞུང་དང་ཐའེ་ཀྲོའུ་ལག་རྩལ་པའི་སློབ་གླིང་གིས་མཉམ་ལས་མཉམ་སྐྲུན་གྱི་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་རྩལ་ནུས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་ཡང་བཀལ་བ་རེད།

སཐའེ་ཀྲོའུ་དང་ཆུ་ཤུར་དབར་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་བོད་རྒྱ་མི་རིགས་སེམས་པ་གཅིག་ཏུ་སྦྲེལ་་ཤེས་རྟོགས་བྱུང་བར་གཞིགས་ན། ཐའེ་ཀྲོའུ་ཡི་ལག་རྩལ་པའི་སློབ་གླིང་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་རྩལ་ནུས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་དེ་རེས་སྐོར་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་དང་སློབ་གྲྭ་དང་ས་གནས་ཀྱི་ཤེས་ལྡན་མི་སྣའི་མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་ཤིག་ཏུ་བརྩིས་ཏེ་ལས་ཞུགས་རྩལ་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཆུ་ཤུར་དང་ཐའེ་ཀྲོའུ་ས་གནས་གཉིས་ཀྱི་བརྩེ་དུང་ཟབ་ཏུ་གཏོང་བའི་ཐབས་ལམ་གསར་པ་ཞག་ཏུ་འགྱུར་བར་བྱས་པ་རད།

ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་རྟེན་གཞི་དེས་སྲིད་ཇུས་ཀྱི་ལེགས་ཆར་བརྟེན་ནས་གནས་གཏན་འཁེལ་གྱིས་འཛིན་གྲྭ་གཉར་བ་དང་། ལས་གནས་ཀྱ་རྩལ་ནུས་གས་སྦྱུང་དང་དུས་ཐུང་གསོ་སྦྱོང་། རྒྱུན་མཐུད་སློབ་གསོ་སོགས་ཀྱི་རྣམ་པ་སྤྱྲུད་པ་བརྒྱུད་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་དང་ཁེ་ལས་ཀྱི་ལས་བཟོ་དང་གྒྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ནས་རིགས་ཁག་གི་མི་སྣའི་རྩལ་ནུས་བྱང་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཆུ་ཤུར་འཕེལ་རྒྱས་ཚེད་རྩལ་ནུས་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ་ད་གྲང་གསབ་དར་རྒྱས་དང་སྦྲལ་མཐུད་ནུས་ལྡན་ཐུབ་པར་རྩལ་ནུས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明