西藏青年报གལ་ཆེའི་གསར་འགྱུར། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།  མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ཏང་གཤིས་བརྟན་དུ་གཏོང་བ། པར་རིས་གསར་འགྱུར་ ཆུ་ཤུར་རྫོང་གི་རྩལ་ནུས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་ཐའེ་ཀྲོའུ་རུ་བཙུགས་པ།

放大 缩小 默认

ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷོ་ཁའི་གྲོང་ཁྱེར་དང་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་དང་། གྲོང་ཁྱེར་ཐད་གཏོགས་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ལས་སྒྲུབ་དཔྱད་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་དམིགས་ཚད་ལས་འགན་ལ་དམིགས་ཏེ་ལས་དོན་དོན་འཁྱོལ་ལ་དམ་འཛིན་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས། རིམ་ཁག་ཏང་རྩ་འཛུགས་ཀྱིས“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། “ཏང་འཛུགས་སྐྱོང་གི་ཁྱམས་རིང་གསུམ”འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་འཛུགས་ཤུགས་ཆེ་རུ་གཏོང་དགོས། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱེད་པའི་ཕུགས་ཕན་ལམ་སྲོལ་དོན་འཁྱོལ་གྱིས་དེང་རབས་ཀྱི་ཆ་འཕྲིན་སྤེལ་ཐབས་བེད་སྤྱོད་གང་ལེགས་དང་། “གསར་གཉིས”རྩ་འཛུགས་ཀྱི་ནུས་པ་བཏོན་ནས་ཕྱིར་གླ་པར་སྐྱོད་མཁན་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས། གཞི་རིམ་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ལ་ཏང་གི་འགོ་ཁྲིད་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་ལས་སྒྲུབ་དཔྱད་གླེང་དང་དཔྱད་དཔོག་བྱས་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཉམས་མྱོང་ཕྱོགས་སྡོམ་དང་། དཔེ་མཚོན་གྱི་བྱེད་སྟངས་ཁྱབ་གདལ། ཞན་ཆའི་ལྷུ་ཚིགས་འཚོལ་ཞིབ་བཅས་བྱས་ཏེ་དག་ཐེར་མཐོར་གཏོང་ལ་དམ་འཛིན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明